གློག་བརྙན་འདིས་མགོ་མཇུག་བར་གསུམ་དུ་ཤ་བསྒྲིམ་དགོས་ཤིང་། སྐྱོ་སྡུག་གི་འདམ་དུ་ཟུག་པར་བྱེད། འདིས་ནི་རྒྱ་གར་གྱི་ཁྲིམས་འཛིན་གཉེན་རྟོག་པ་ཁ་ཤོས་ཀྱིས་ཁོ་ཚོ་རང་ཉིད་ཀྱི་ཁེ་ཕན་ཉག་གཅིག་གི་ཕྱིར་དང་། རྩ་ཆེའི་རྒྱུ་རྫས་སྣ་ཚོགས་ལྐོག་ཟ་དང་། གཡོ་ལེན་བྱ་ཐབས་སུ་ཁྲིམས་མེད་ལུགས་མེད་ཀྱིས། ཉམ་ཆུང་འཁོས་ཞན་གྱི་མི་བུ་དཀྱུས་མ་ཚོའི་མགོར་རྐུས་བཙུགས་ཏེ། དོན་མེད་དུ་ཁྲིམས་ལ་སྦྱར། མནར་གཅོད་ལྟ་བས་མི་བཟོད་པ་དང་། རྡུང་རྡེག་ཚད་མེད་བཏང་སྟེ། མཐར་རྐུས་བཙུགས་པ་ཁས་མ་བླངས་ཚེ། ཐ་ན་གནོད་གཅོད་དྲག་པོས་དམར་གསོད་བཏང་འགྲོ་བ་སོགས་ཡ་ང་བའི་སྐྱོ་གར་མང་བོ་ཐེར་འདོན་དང་དངོས་བཤུ་བྱས་འདུག སྤྱི་ཚོགས་ཀྱི་གནད་དོན་ཚབས་ཆེན་པོ་དེ་རྩ་མེད་དུ་བཟོ་ཐབས་སུ། རྒྱ་གར་གཉེན་རྟོག་པ་ནང་ལོག་གི་རུལ་སུངས་ཀྱི་བྱ་སྤྱོད་དང་། ཚད་བརྒལ་རང་བཞིན་ལྡན་པའི་ཁྲིམས་མེད་ལུགས་མེད་ཀྱི་གནས་སྟངས་དེར་དགག་རྒྱག་དང་སུན་འབྱིན་མཐའ་ཆོད་པ་གནང་ཞིང་། ཉམ་ཆུང་མི་དམངས་ཚོའི་ཁྲིམས་མཐུན་གྱི་ཁེ་དབང་བརྩད་དེ། མཐར་བདེན་རྫུན་དཀར་ནག་གི་དབྱེ་མཚམས་སོ་སོར་ཕྱེས་ནས། མི་དམངས་དཀྱུས་མ་ཚོར་བདེ་སྐྱིད་ཀྱི་ཉི་མ་ཤར་བ་དང་། ཡ་ང་བའི་སྐྱོ་གར་དེའི་མཇུག་ཡོངས་སུ་བསྡུས་པའི་རྣམ་པ་ཞིག་འཁྲབ་ཡོད་པ་དེ། ཤིན་ཏུ་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བ་ཞིག་རེད། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན། ཁྲིམས་འཛིན་མི་སྣ་དང་གཉེན་རྟོག་པའི་གྲས་སུ་ཡང་། དེ་འདྲའི་ཁྲིམས་མེད་ལུགས་མེད་དང་། ལྐོག་ས་རུལ་སུངས་ཀྱི་བྱ་སྤྱོད་ལ་གནས་མཁན་ཡོད་པ་དེར། གློག་བརྙན་གྱི་ལམ་ནས་དགག་རྒྱག་ཛ་དྲག་པོ་དང་། གནད་དུ་ཁེལ་བ་དེ་འདྲ་གནང་སྟེ། རྒྱ་ཁྱབ་ཏུ་སྤེལ་ཆོག་པའམ། བྱ་ཐབས་དེ་འདྲའི་ལམ་ནས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གོ་རྟོགས་མཐོར་འདེགས་སུ་བཏང་ཆོག་པའི་སྣང་བརྙན་དེས། རྒྱ་གར་སྤྱི་ཚོགས་ཀྱི་གུ་ཡངས་པའི་རང་དབང་གི་ཁོར་ཡུག་ལེགས་པོ་ཞིག་ཀྱང་ཟུར་ནས་མཚོན་གྱིན་འདུག



杰伊·比姆Jai Bhim(2021)

又名:万岁毕姆 / 斗争万岁

上映日期:2021-11-02(印度)片长:164分钟

主演:Suriya / Lijo Mol Jose / Manikandan / Rajisha Vijayan / 普拉卡什·拉贾 / Rao Ramesh / Guru Somasundaram / M.S. Bhaskar / V. Jayaprakash / Sibi Thomas / Ilavarasu / Jayarao / Sujatha Sivakumar / Ravi Venkatraman / Tamizh / 

导演:T.J. Gnanavel / 

杰伊·比姆相关影评

cherwy